པདྨའི་སྦས་ཡུལ་དཔལ་ལྡན་སྨན་ལྗོངས་འདིར།།
ཆོས་རྒྱལ་གེ་སར་བྱང་སེམས་མཚན་བཟང་ཀྱིས།།
ལྕགས་མོ་ཡོས་ལོ་ཟླ་བ་རྒྱད་པའི་ནང་།།
རྒྱལ་བཙུན་བཀྲིས་མངའ་གསོལ་མཛད་རྒྱུར་གསུངས།།
དེ་ཡང་ལྷ་མི་སྲིད་སྡེ་ཚོགས་ཁང་ནང་།།
གཡུ་འབྲུག་སྔོན་མོས་བཏེགས་པའི་གསེར་ཁྲི་སྟེང་།།
ལྷའི་ལུང་བསྟན་འབངས་ཀྱི་བསོད་ནམས་ལས།།
རྒྱལ་བཙུན་བྱོན་པ་རྗེ་བཙུན་པད་མའོ།།
དེ་བཞིན་མི་དབང་རྒྱལ་པོས་བཀའ་བསྩལ་ཚེ།།
རྗེ་བཙུན་མཚན་ལྡན་པད་མེའི་ཟེའུ་འབྲུ་ཉིད།།
རྒྱལ་པོའི་བཙུན་མོར་བྱོན་པ་ལེགས་སོ་ཞེས།།
གཅེས་པའི་འབངས་ཀྱི་སྐུ་ཚབ་རྣམ་ནས་ཞུ།།
གཏམ་སྙན་གསེར་སྒྲ་ཚོགས་ཁང་ནང་ནས་བསྒྲགས།།
བྲག་ཆ་རྒྱལ་ཁམས་ཐམས་ཅན་གང་བར་འགྱུར།།
དགའ་སྤྲོའི་ཉི་མ་འབངས་ཀྱི་སྙིང་ནས་ཤར།།
འོད་ཟེར་གླིང་ཀའི་ཕོ་བྲང་ནང་དུ་འཕྲོས།།
ལེགས་སོ་ལེགས་སོ་མི་དབང་རྒྱལ་པོ་ལ།།
ལེགས་སོ་ལེགས་སོ་རྒྱལ་བཙུན་རྗེ་བཙུན་མ།།
པདྨའི་གེ་སར་འབངས་ཀྱི་ཡབ་ཡུམ་གཉིས།།
སྐུ་ཚེ་བརྟན་ཤོག་འཕྲིན་ལས་དར་རྒྱས་ཤོག།
བརྒྱུད་འཛིན་བསྟན་འཛིན་མྱུར་དུ་འཁྲུངས་པར་ཤོག།
བསྟན་སྦྱིན་འབངས་རྣམ་སྐྱོང་ཕྱིར་བྱོན་པ་ལེགས།།
ལུགས་གཉིས་འཁོར་ལོ་བསྒྱུར་བ་བྱོན་པར་ཤོག།
འཁོར་ལོས་ལྷོ་ལྗོངས་རང་དབང་བཙན་པར་ཤོག།
རྩོམ་པ་པོ་་་་་་་དྲགོས་བསོད་ནམ་ཀུན་དགའ།།རྒྱལ་ཡོངས་ཚོགསྡེ།།
My Personal Note to Dasho
རྩོམ་པ་པོ་་་་་་་དྲགོས་བསོད་ནམ་ཀུན་དགའ།།རྒྱལ་ཡོངས་ཚོགསྡེ།།
My Personal Note to Dasho
Dasho,
I would like to let you know that by now I must have already read your poem over hundred times. It is so so beautiful. Therefore I thought such a sublime piece deserves to be read by as many readers as possible. So I took my own initiative of typing it in Dzongkha and accordingly had it posted on my blog.
I hope dasho's poem will bring immense delight to many readers. May dasho accumulate good merit through it.
Thanking you
Peldhen Sonam Nima.
Very beautiful poem!
ReplyDeleteIt has been Long time since I read in Dzongkha, I am afraid I have forgotten even some of the simple meanings.
Thanks for sharing la sir, it is very inspiring.
really a wonderful poem la....
ReplyDeleteWonderful la Dasho
ReplyDelete